Go Back
ཡེར་པ་ཚེས་བཅུ།
དེ་ནི་ལྷ་སའི་ཤར་ཕྱོགས་མལ་ལེ་སུམ་ཅུ་ཙམ་གྱི་སར་རི་སྟེང་བྲག་ཡེར་པ་ཞེས་སྔོན་ཆོས་རྒྱལ་སྲོང་བཙན་གྱིས་ཞབས་བཅགས་ཤིང་། དེ་རྗེས་གུ་རུ་རིན་པོ་ཆེ་དང་། ཇོ་བོ་རྗེ་སོགས་ཀྱི་སྒྲུབ་གནས། སྔར་ལྷ་སའི་གཙུག་ལག་ཁང་གསར་བཞེངས་སྐབས་ས་ཕུད་རྡོ་ཕུད་ཀྱིས་བཞེངས་པའི་ལྷ་ཁང་ཡོད་སའི་དགོན་གནས་དེར་བོད་ཟླ་བདུན་པའི་ཚེས་བཅུ་ཉིན་ཚེས་བཅུའི་མཆོད་སྤྲིན་དང་། ཚོགས་འཁོར། སེང་འཆམས་སོགས་འཆམས་སྣེ་འགའ་ཤས་ཀྱི་ལྟད་མོ་ཡོད་པར་ལྷ་ས་བ་སོགས་རང་མོས་ཡོད་པ་རྣམས་མཆོད་འབུལ་དང་སྦྲགས་ལྟད་མོར་འགྲོ་བར་བྱེད།