རྒྱལ་བའི་རྟེན་གསུམ་རིན་ཆེན་དཔལ་དུ་ཆེ།།

བྱིན་ཆགས་གནས་དགོན་དད་པའི་ཞིང་དུ་མཐོ།།

གཡོ་མེད་གཤིས་ཀྱི་དང་བས་ཉེར་དྲངས་ཏེ།།

ལུས་སེམས་བདེ་དགའི་འོད་ཀྱིས་ཁྱབ་པར་སྨོན།།