Go Back

གུ་རུ་ལྷ་ཁང་། (སྔ་འགྱུར་རྙིང་མ། བལ་ཡུལ་ཤར་ཁུམ།)


༄༅། །གུ་རུ་ལྷ་ཁང་ནི། རང་གཞུང་ཆོས་རིག་ལས་ཁུངས་ཀྱིས་བོད་བསྟན་པ་ཆབ་སྲིད་རྒྱས་ཐབས་དང་། ༸རྒྱལ་བའི་སྐུ་ཕྱྭའི་སླད་དུ་ཕྱི་ལོ་ ༡༩༨༢ ལོར་བལ་ཡུལ་ཤར་ཁུམ་བདེ་ལེགས་གླིང་གཞིས་ཆགས་སུ་གསར་བཞེངས་གནང་། ལྷ་ཁང་ནང་རྟེན་གཙོ་བོ་གུ་རུ་སྣང་སྲིད་ཟིལ་གནོན་དང་། གཡས་སུ་གུ་རུ་པདྨ་རྒྱལ་པོ། གཡོན་དུ་གུ་རུ་རྡོ་རྗེ་གྲོ་ལོད་བཅས་བཞུགས། དེའི་དཀོན་གཉེར་རྫ་རོང་ཐུབ་བསྟན་ཆོས་འཕེལ་གླིང་ནས་དགེ་འདུན་པ་ཞིག་གཏོང་གནང་བཞིན་ཡོད་ལ།ཁོང་གི་གསོལ་ཕོགས་དང་མཆོད་དོད་བཅས་རང་གཞུང་ཆོས་རིག་ལས་ཁུངས་ནས་ས་འགོའི་ལས་ཁུངས་བརྒྱུད་གནང་མུས་ཡིན། དཀོན་གཉེར་ནས་ཟླ་བ་ནམ་ཡིན་གྱི་ཚེས་བཅུ་ཞབས་རིམ་དང་། མཆོད་འབུལ་བཅས་ཆད་མེད་འབུལ་གྱི་ཡོད།། །།

Search
Address
Name: གུ་རུ་ལྷ་ཁང་། (སྔ་འགྱུར་རྙིང་མ། བལ་ཡུལ་ཤར་ཁུམ།)
Street:
Address 2:
City:
State:
Postal code:
Country:
Phone:
Email:
Web:
Map:
Map
Weather
QR