Go Back

ཕོ་ལེ་ཐར་པ་གླིང་། (སྔ་འགྱུར་རྙིང་མ། བལ་ཡུལ་ཝ་ལུང་།)


༄༅། །ཕོ་ལེ་ཐར་པ་གླིང་ནི། ཨོ་རྒྱན་རྣམ་གྲོལ་དབང་པོ་མཆོག་གིས་ཕྱི་ལོ་ ༡༧༦༡ ལོ་ཡས་མས་ཤིག་ལ་དབུས་གཙང་ཁུལ་གྱི་གཏིང་སྐྱེས་ཆག་མོའི་ཕུ་རུ་དགོན་པ་ཆུང་ངུ་ཞིག་ཕྱག་བཏབ་གནང་བར་ལྕགས་ཕུག་དགོན་ཞེས་གྲགས། སྔོན་གཞུང་འབྲེལ་གྱིས་ལྷ་ས་གཏོོར་ཆེན་ཐོག་ཨོ་རྒྱན་རྣམ་གྲོལ་དབང་པོ་ཆེད་འབོད་ཞུ་ཤིང་། ཁོང་གིས་རྐང་གླིང་བུས་ནས་གཡབ་གཏོར་བརྒྱབ་སྟེ་གཏོར་མ་ཀུན་ར་ལུག་དེད་པ་བཞིན་འབྱོར་ཏེ། བོད་གཞུང་དཔོན་རིགས་རྣམས་ངོ་མཚར་རབ་ཏུ་སྐྱེས་ཏེ་གུས་ཕྱག་ཕུལ། བོད་གཞུང་དཔོན་རིགས་ནས་གཟེངས་བསྟོད་ཚུལ་དུ་བྱ་དགའ་ཅི་དགོས་འབུལ་རྒྱུ་ཡིན་ཞུས་པར། ཨོ་རྒྱན་རྣམ་གྲོལ་དབང་པོ་མཆོག་གིས་ང་ལ་ཚེ་ཐར་གྱི་སྒོ་ཕྱུགས་ཁ་ཤས་ཡོད་པས། དེ་དག་འཚོ་སྐྱོང་སླད་རྩྭ་ཐང་ཞིག་མ་གཏོགས་གཞན་རྒྱུ་ནོར་མཁར་དངོས་ཅི་ཡང་མི་དགོས་ཞེས་ཞུས་པ་བཞིན་བོད་གཞུང་ནས་རིན་པོ་ཆེ་མཆོག་ལ་གཏིང་སྐྱེས་ཆག་མོའི་ཕུ་ཡི་རྩྭ་ཐང་ཕུལ་ཞིང་བོད་ས་མ་ཤོར་བར་དུ་དགོན་པ་བསྐྱངས། བལ་ཡུལ་དུ་ལྕགས་སྤྲུལ་སྐུ་ཕྲེང་དྲུག་པ་ཀུན་བཟང་བསྟན་པའི་རྒྱལ་མཚན་མཆོག་གིས་ཕྱི་ལོ་ ༡༩༧༣ ལོར་བོད་མིའི་གཞིས་གྲོང་ཕོ་ལེ་བསམ་འཕེལ་གླིང་དུ་ཐར་པ་གླིང་དགོན་པ་གསར་བཞེངས་གནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་ལྕགས་ཕུག་སྐུ་ཕྲེང་བདུན་པ་ངོས་འཛིན་གནང་སྟེ།མཚན་ལ་བསྟན་འཛིན་ཀུན་མཁྱེན་བསྩལ་བ་གང་དེས་ཝ་ལུང་སྐྱིད་སྡུག་དང་གཏིང་སྐྱེས་སྐྱིད་སྡུག་སོགས་བསྟན་དང་འགྲོ་བའི་དོན་དུ་སྐུ་འཚོ་ཞིང་བཞུགས་པའོ།།།།

Search
Address
Name: ཕོ་ལེ་ཐར་པ་གླིང་། (སྔ་འགྱུར་རྙིང་མ། བལ་ཡུལ་ཝ་ལུང་།)
Street:
Address 2:
City:
State:
Postal code:
Country:
Phone:
Email:
Web:
Map:
Map
Weather
QR