Go Back

ཁམས་པ་སྒར་དཔལ་ཕུན་ཚོགས་ཆོོས་འཁོར་གླིང་། (བཀའ་བརྒྱུད། བཀྲ་ཤིས་ལྗོངས།)


༄༅། །ཁམས་པ་སྒར་དཔལ་ཕུན་ཚོགས་ཆོས་འཁོར་གླིང་ནི། རྒྱལ་བ་མདོ་ཁམས་པ་སྐུ་ཕྲེང་དང་པོ་གྲུབ་དབང་ངག་དབང་བསྟན་འཕེལ་མཆོག་གིས་སྐུ་ཚེའི་སྨད་དུ་ཕྱི་ལོ་༡༦༢༤ལོར་ཉི་འོད་ཆོས་འཕེལ་རྫོང་ཞེས་པ་བྲག་གཡབ་རྫོང་ཁོངས་སུ་ཕྱག་བཏབ། རྒྱལ་བ་མདོ་ཁམས་པ་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཡིན། རྒྱལ་བ་མདོ་ཁམས་པ་སྐུ་ཕྲེང་བཞི་པ་བསྟན་འཛིན་ཆོས་ཀྱི་ཉི་མ་མཆོག་གིས་ཁ་སྟག་དཀར་མོའི་རི་ཁུག་ནས་ཁམས་པ་སྒར་དུ་གནས་སྤོ་མཛད་དེ་དགོན་གནས་རྟེན་གསུམ་སོགས་གསར་བཞེངས་གནང་། མཚན་ཉིད་དགོན་རྣམ་རྒྱལ་ཆོས་འཁོར་གླིང་དང་།སྒྲུབ་སྡེ་གསང་ཆེན་མཐོང་གྲོལ་གླིང་བཅས་ཕྱག་བཏབ་སྟེ་བསྟན་འགྲོའི་དོན་རྒྱ་ཆེར་བསྐྱངས། རྒྱ་གར་དུ་རྒྱལ་བ་མདོ་ཁམས་པ་སྐུ་ཕྲེང་བརྒྱད་པ་དཔལ་ལྡན་ངག་དབང་མི་ཕམ་འཇིགས་མེད་ཆོས་ཀྱི་རྒྱ་མཚོ་ཡེ་ཤེས་རིན་ཆེན་བསྐལ་བཟང་དོན་བརྒྱུད་ཉི་མ་མཆོག་གིས་ཕྱི་ལོ་༡༩༦༨ལོར་བཀྲ་ཤིས་ལྗོངས་གཞིས་ཆགས་སུ་བྱེས་ཀྱི་གདན་ས་ཁམས་པ་སྒར་དཔལ་ཕུན་ཚོགས་ཆོས་འཁོར་གླིང་དེ་ཉིད་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་ཁོངས་སུ་ཕྱག་བཏབ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྦིར་གཞིས་ཆགས་གསར་པའི་སྒོ་འབྱེད་དུ་ཞབས་སོར་བཀོད་ཞོར་དུ་ཞལ་བསྒྱུར་ཁྱུག་ཙམ་ཡོང་བའི་གསོལ་བ་བཏབ་པར་ཞལ་བཞེས་ཐོགཕྱིར་ཕེབས་སྐབས་ཟམ་ཆེན་ནས་ཕེབས་ཊོ་ལས་བཤོལ་ཏེ་ཕྱག་ནས་རྒྱང་འཐོར་དང་། ཡག་པོ་འདུག་གནས་འདིར་ཆོས་སྲིད་གཉིས་ལྡན་ལེགས་ཚོགས་འཕེལ་བའི་སྨོན་ལམ་ཡོད་ཅེས་ཐུགས་སྨོན་མཛད། དེ་རྗེས་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་དང་།༸རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེ་སོགས་ཀྱིས་རབ་གནས་བྱིན་རླབས་མཛད། དེ་བཞིན་སྒྲུབ་གྲྭ་གསང་ཆེན་མཐོང་གྲོལ་གླིང་དང་།ཁམས་སྒར་ཁྲོ་ཆུའི་སྒྲུབ་གྲྭ། བཤད་གྲྭ་འབྲུག་མཐོ་སློབ་དྷརྨ་ཀཱ་ར།ཁམས་སྒར་རིགས་སློབ་ཁང་བཅས་ཕྱག་བཏབ་ཅིང་། འཛིན་གྲྭ་དང་པོ་ནས་བཅུ་པ་བར་དུ་རིགས་ལམ་བསྡུས་གྲྭ་ནས་བཟུང་སྟེ་གཞུང་ཆེན་ཁག་དང་ཐུན་མོང་རིག་གནས་ཁག་ལ་སྦྱང་བརྩོན་གནང་བཞིན་པ་བཅས་བཤད་སྒྲུབ་ལས་གསུམ་གྱིས་དུས་འདའ་བཞིན།དེང་སྐབས་དགེ་འདུན་པ་ཞལ་གྲངས་༡༤༥ཙམ་བཞུགས་པའོ།། །།

Search
Address
Name: ཁམས་པ་སྒར་དཔལ་ཕུན་ཚོགས་ཆོོས་འཁོར་གླིང་། (བཀའ་བརྒྱུད། བཀྲ་ཤིས་ལྗོངས།)
Street: Pal Phuntsok Chokhorling T.C.C. Tahi Jong
Address 2: P.O. Taragarh
City: Kangra
State: H.P
Postal code: 176081
Country: INDIA
Phone: 01894-243888
Email: [email protected]
Web: http://khampagar.org/english/
Map: 32.0751988757112, 76.62511466989552
Map
Weather
Kangra
QR