Go Back

གནས་མདོ་བཀའ་བརྒྱུད་ཨོ་རྒྱན་ཐེག་མཆོག་གླིང་། (བཀའ་བརྒྱུད། ཨོ་ཌི་ཤ)


༄༅། །གནས་མདོ་བཀའ་བརྒྱུད་ཨོ་རྒྱན་ཐེག་མཆོག་གླིང་ནི། གྲུབ་ཆེན་ཀརྨ་ཆགས་མེད་སྐུ་ཕྲེང་དང་པོ་ཨ་རཱ་ག་མཆོག་གིས་ཕྱི་ལོ་༡༦༣༠ལོར་ཆབ་མདོ་དང་རི་བོ་ཆེ་ནང་ཆེན་གསུམ་གྱི་མདོ་ངོམ་གནས་མདོ་རུ་ཕྱག་བཏབ། སློབ་དཔོན་ཆེན་པོ་དང་རྗེ་འབངས་ཉེར་ལྔ་སོགས་ཀྱིས་གནས་འདི་ནས་མི་དང་མི་ལབ་གླེང་བྱས་པ་ནང་བཞིན་ཞལ་གཟིགས་ལུང་བསྟན་བསྩལ་ནས་གནམ་ཆོས་པོད་བཅུ་གསུམ་བབ་པ་དང་། དེ་ནས་བཟུང་སྐྱེས་ཆེན་རྒྱུན་མི་ཆད་པ་བྱོན།ལྷག་པར་དུ་གནམ་ཆོས་མི་འགྱུར་རྡོ་རྗེ་དང་།ཁ་སྤྲུལ་རིན་པོ་ཆེ།སངས་སྤྲུལ་རིན་པོ་ཆེ་རྣམས་ཀྱིས་གནས་མདོ་བཀའ་བརྒྱུད་ཀྱི་བསྟན་པ་ཕྱོགས་ཀུན་ཏུ་སྤེལ། རྒྱ་གར་དུ་ཀརྨ་བཀའ་བརྒྱུད་ལས་གྱེས་པ་གནས་མདོ་ཆོས་བརྒྱུད་ཀྱི་སྲོལ་འབྱེད་པ་པོ་མཁས་གྲུབ་ཀརྨ་ཆགས་མེད་སྐུ་ཕྲེང་བདུན་པ་ཀརྨ་བསྟན་འཛིན་འཕྲིན་ལས་མཆོག་གིས་ཕྱི་ལོ་༡༩༦༥ལོར་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་དགོན་པ་གསར་བཞེངས་གནང་ཞིང་།སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་གནས་མདོ་བཀའ་བརྒྱུད་ཨོ་རྒྱན་ཐེག་མཆོག་གླིང་ཞེས་མཚན་གསོལ། གནས་མདོའི་ཆོས་བརྒྱུད་ལའང་ཀར་ལུགས་དང་རྙིང་ལུགས་འཛིན་པའི་དགོན་པ་དང་སྐྱེས་ཆེན་མང་དུ་བྱུང་ཡོད། དགོན་འདིར་མཁས་གྲུབ་ཀརྨ་ཆགས་མེད་སྐུ་ཕྲེང་བདུན་པ་ཀརྨ་བསྟན་འཛིན་འཕྲིན་ལས་མཆོག་དབུ་བཞུགས་ཐོག་དགེ་འདུན་ཞལ་གྲངས་༥༦ཙམ་ཡོད།།།།

Search
Address
Name: གནས་མདོ་བཀའ་བརྒྱུད་ཨོ་རྒྱན་ཐེག་མཆོག་གླིང་། (བཀའ་བརྒྱུད། ཨོ་ཌི་ཤ)
Street: 67PC+HW8, Unnamed Road,
Address 2:
City: Mahendragada,
State: Odisha
Postal code: 761034
Country: INDIA
Phone: 7749942388
Email:
Web:
Map: 19.236424473491844, 84.27246286078706
Map
Weather
Mahendragada,
QR