Go Back

ཀརྨ་སྒྲུབ་བརྒྱུད་ཆོས་གླིང་། (བཀའ་བརྒྱུད། ལ་དྭགས།)


༄༅། །ཀརྨ་སྒྲུབ་བརྒྱུད་ཆོས་གླིང་ནི། དཔལ་རྒྱལ་བ་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་གིས་ས་གཞི་བྱིན་རླབས་དང་འབྲེལ་ཆོས་རྗེ་བླ་མ་འཆི་མེད་རིན་པོ་ཆེ་མཆོག་གིས་ཕྱི་ལོ་༡༩༧༦ལོར་ལ་དྭགས་སླེ་ཁུལ་ལྕོག་ལམ་སར་རྟེན་དང་བརྟེན་པ་བཅས་ལེགས་པར་གྲུབ་སྟེ་བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་བཙུགས། ལོ་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་དབང་ཆེན་གནང་སྐབས་དབུ་འབྱེད་དང་རབ་གནས་བྱིན་རླབས་མཛད། སློབ་གཉེར་གཙོ་བོ་རང་ལུགས་ཀརྨ་ཀམ་ཚང་གི་མཐོང་བ་བརྒྱུད་པའི་ཆོ་ག་ཕྱག་བཞེས་དང་།འདོན་ཆོས་སྤྱོད། རྒྱུད་སྡེ་དཀྱིལ་འཁོར་བཅས་ལ་བསླབ་པ་སློབ་གཉེར་མཐར་ཕྱིན་པ་གནང་དགོས་པ་ཁག་མི་ཉམས་རྒྱུན་འཛིན་ཐོགབཤད་གྲྭ་དང་སྒྲུབ་གྲྭ་ལ་ཕེབས་འདོད་ཡོད་མཁན་རྣམས་སོ་སོའི་འདོད་མོས་བཞིན་ཞུགས་ཆོག་གི་ཡོད། རྒྱ་གར་དབུས་གཞུང་རིག་གཞུང་བསྟི་གནས་ཁང་གིས་གྲྭ་གཞོན་རྣམས་ཀྱི་ཆེད་ལ་དྭགས་མཚན་ཉིད་སློབ་གྲྭའི་ཁྱབ་ཁོངས་གཞི་རིམ་སློབ་གྲྭ་ཞིག་གསར་འཛུགས་གནང་སྟེ།གྲྭ་ཆུང་རྣམས་ཀྱིས་སློབ་གྲྭ་དེར་སློབ་གཉེར་བྱེད་བཞིན་ཡོད། དེང་སྐབས་བླ་མ་ཚུལ་ཁྲིམས་སྟོབས་ལྡན་མཆོག་དབུ་བཞུགས་ཐོག་བོད་དང་ལ་དྭགས་པ། བལ་པོ་དང་སྤང་མི་རིགས་བཅས་ཀྱི་དགེ་འདུན་པ་ཞལ་གྲངས་༨༤ཙམ་བཞུགས་པའོ།། །།

Search
Address
Name: ཀརྨ་སྒྲུབ་བརྒྱུད་ཆོས་གླིང་། (བཀའ་བརྒྱུད། ལ་དྭགས།)
Street: Karma Drupgyu Choeling
Address 2: Post Box No. 10 LEH- Keylong-Leh Rd,
City: Choglamsar,
State: Union Territory of Ladakh
Postal code: 194101
Country: INDIA
Phone: 01982-264634
Email: [email protected]
Web:
Map: 34.09641919267621, 77.60178916513978
Map
Weather
Choglamsar,
QR