Go Back

དཔལ་སྤུངས་ཤེས་རབ་གླིང་། (བཀའ་བརྒྱུད། སྦིར་སྡེ་དགེ)


༄༅། །དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ནི། བྱམས་མགོན་ཏཱའི་སི་ཏུ་སྐུ་ཕྲེང་བརྒྱད་པ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་མཆོག་གིས་ཕྱི་ལོ་༡༧༢༧ལོར་ཁམས་སྡེ་དགེ་རུ་ཕྱག་བཏབ། རིམ་གྱིས་དགེ་འདུན་གྱི་སྡེ་མང་དུ་འདུས་པས་བཤད་གྲྭ་གནས་ལྔ་རིག་པའི་སློབ་གླིང་དང་།སྒྲུབ་གྲྭ་གོང་འོག་བར་གསུམ། པར་ཁང་དམ་ཆོས་བང་མཛོད་སོགས་ཡོད་པའི་བོད་ཀྱི་ཆོས་དང་རིག་གཞུང་གི་བསྟི་གནས་ཆེན་པོ་ཞིག་ཏུ་གྱུར། རྒྱ་གར་དུ་བྱམས་མགོན་ཏཱའི་སི་ཏུ་སྐུ་ཕྲེང་བཅུ་གཉིས་པ་པདྨ་དོན་ཡོད་གྲུབ་པ་མཆོག་གིས་ཕྱི་ལོ་༡༩༧༧ལོར་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་སྦིར་སྡེ་དགེ་གཞིས་ཁོངས་སུ་བྱེས་ཀྱི་གདན་ས་ཕྱག་བཏབ་སྟེ། ཀློག་པ་ཐོས་བསམ་གྱི་སྡེ་བཤད་གྲྭ་ལུང་རིགས་འཇམ་དཔལ་གླིང་དུ་ལོ་རིམ་འཛིན་གྲྭ་དང་པོ་ནས་དགུ་པའི་བར་དུ་བརྡ་སྤྲོད་དང་སྙན་ངགརིགས་ལམ་དང་ཚད་མ། དབུ་མ་དང་ཕར་ཕྱིན། མཛོད། དུས་འཁོར་དང་གསང་འདུས་འགྲེལ་ཆེན་སོགས་ལ་ཐོས་བསམ་གནང་ནས་མཁན་པོ་དང་། སློབ་དཔོན། སྐྱོར་དཔོན་མི་ཉུང་བ་ཐོན་པ་རྣམས་ཀྱིས་བོད་ཕྱི་ནང་གཉིས་སུ་འཆད་ཁྲིད་ཀྱི་འགན་བཞེས་མུས་ཡིན། དེ་བཞིན་སྤོང་བ་བསམ་གཏན་གྱི་སྡེ་སྒྲུབ་གྲྭ་ཏིང་འཛིན་དགེ་འཕེལ་གླིང་དང་བཙུན་མའི་སྒྲུབ་སྡེ་བྱང་ཆུབ་བསམ་གཏན་གླིང་གཉིས་སུ་ཕྱི་ནང་སྔོན་འགྲོ་ནས་བཟུང་རང་ལུགས་རྒྱུད་སྡེའི་བསྙེན་ཚད་དང་ཟབ་ལམ་ནཱ་རོ་ཆོས་དྲུགགྲོལ་ལམ་ཕྱག་རྒྱ་ཆེན་པོ་སྨིན་ཁྲིད་དང་བཅས་ལོ་གསུམ་ཕྱོགས་གསུམ་གྱི་ཉམས་ལེན་མཐིལ་ཕྱིན་གནང་གི་ཡོད།རྒྱུད་སྡེ་གྲྭ་ཚང་དུ་མར་ལུགས་རྒྱུད་སྡེ་རྣམས་ཀྱི་སྒྲུབ་མཆོད་དང་།དཔལ་སྤུངས་སྨོན་ལམ་ཆེན་མོ།ཐུགས་རྗེ་གསང་འདུས་སྒྲུབ་ཆེན།ལོ་མཇུག་ཏུ་བསྟན་འགྲོའི་བདེ་རིམ་མགོན་སྒྲུབ་དགུ་གཏོར་ཆེན་མོའི་སྒྲུབ་མཆོད་གར་འཆམ།གཏོར་བཟོ་རྒྱན་བཀོད།གར་ཐིག་དབྱངས་རོལ།འབུད་རྡུང་དཀྲོལ་གསུམ་བཅས་མཐོང་བ་བརྒྱུད་པ་ཉམས་བཞེས་དང་།རིག་གནས་སློབ་ཚན་བཅས་ལ་སྦྱང་བརྩོན་གནང་གི་ཡོད། གཞི་རིམ་སློབ་གྲྭ་རིགས་ལམ་སྐྱེད་ཚལ་དུ་སློབ་གྲྭ་སྤྱི་མཚུངས་ལྟར་འཛིན་གྲྭ་བརྒྱད་པ་བར་གཙོ་བོ་བོད་ཡིག་དང་།ཨིན་ཇི།ཨང་རྩིས་སོགས་ཀྱི་ཐོག་ནང་ཆོས་རིག་གནས་བཅས་ལ་སློབ་གཉེར་གནང་གི་ཡོད་པ་དང་།དེའི་རྗེས་བཤད་སྒྲ་དང་།རྒྱུད་སྡེ་གྲྭ་ཚང་གཉིས་སུ་ཆོས་ཞུགས་བྱ་ཆོགདེ་བཞིན་རིག་གནས་སློབ་གཉེར་ཁང་དུ་དུས་འཁོར་རྒྱུད་ལུགས་ཀྱི་རྩིས་གཞུང་དང་།གསོ་རིག་སྨན་གྱི་སློབ་སྦྱོང་བཅས་ལོ་རིམ་ལྔའི་སློབ་ཚན་དུ་སུམ་རྟགས་དག་གསུམ་དང་།སྒྲ་དང་སྙན་ངག་བཅས་ཀྱང་ཡོད།མཐའ་མ་བྱ་བ་ལས་ཀྱི་འཁོར་ལོར་བརྩོན་བཞིན་པ་རྣམས་ཀྱིས་རྟེན་གསུམ་གསར་བཞེངས་དང་།གསུང་རབ་པར་སྐྲུན་གནང་གི་ཡོད་ལ། བཙུན་མའི་སྡེ་ཀམ་ཚང་ཡེ་ཤེས་རབ་རྒྱས་གླིང་དུའང་ཀློག་པ་ཐོས་བསམ་དང་།སྤོང་བ་བསམ་གཏན། བྱ་བ་ལས་ཀྱི་འཁོར་ལོ་བཅས་ལ་བརྩོན་བཞིན་པ་བཅས་ཀྱི་གྲྭ་བཙུན་བསྡོམས་པའི་ཞལ་གྲངས་༦༦༠ཡིས་བཤད་སྒྲུབ་ལས་གསུམ་གྱིས་ཉིན་མཚན་འདའ་བཞིན་པ་ལགས་སོ།། །།

Search
Address
Name: དཔལ་སྤུངས་ཤེས་རབ་གླིང་། (བཀའ་བརྒྱུད། སྦིར་སྡེ་དགེ)
Street: 3M3P+2GP, Baijnath - Bhattu- Palpung Sherabling Monastery Rd,
Address 2: Bhattu Samula, Bhattu Uparla,
City:
State: Himachal Pradesh
Postal code: 176125
Country: INDIA
Phone: +91-1894-209093
Email:
Web: https://www.palpung.org/
Map: 32.05235738154947, 76.68716945779431
Map
Weather
QR