ནང་དོན་སྙིང་བསྡུས། བཙན་བབྱོལ་བོད་མི་གནས་སྡོད་ཀྱི་དགོན་སྡེ་དང་ལྷ་ཁང་ངོ་སྤྲོད། གནས་བཤད། རྟེན་བཤད། ལོ་རྒྱུས། ཆོས་ཀྱི་བྱེད་སྒོ། འགྲིམ་འགྲུལ་མཐུན་རྐྱེན་བཅས། མཉེན་ཆས་ལམ་ནས་སྒྲ་ལྡན་སྐད་ཡིག་སྣ་མང་ཅན་པར་རིས་དང་འབྲེལ་ནས་རང་འགུལ་ཞབས་ཕྱི་བྱེད་པའི་མཐུན་རྐྱེན་བསྒྲུབ་རྒྱུ་ཡིན། འདི་ནི་བོད་ཀྱི་ཆོས་རིག་ངོ་སྤྲོད་དང་འབྲེལ་ཡོད་དགོན་སྡེ་ཁག་གི་ཡུལ་སྐོར་ལས་རིགས་ཡར་རྒྱས་གཏོང་བར་ཕན་ཐོགས་འབྱུང་སླད་ཡིན།
༡. དམིགས་ཡུལ། ལས་འཆར་འདིའི་དམིགས་ཡུལ་གཙོ་བོ་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་སྟབས་བདེའི་ཆོས་རིག་ངོ་སྤྲོད། ཁྱབ་ཁོངས་དགོན་སྡེའི་ཁག་གི་གནས་སྐོར་ཡར་རྒྱས་དང་། གནས་བཤད་ཚད་ལྡན་གྱི་མཐུན་འགྱུར་ཡོངས་ཐབས་བྱ་རྒྱུ་སོགས་ཡིན།
༢. ལས་འཆར། ཆོས་རིག་ལས་ཁུངས་ཀྱི་འགན་ཁུར་འོག་དྲ་ལམ་དང་ཁ་པར་མ་ལག་སོ་སོར་མཉེན་ཆས་བཟོས་ནས་སྐུ་གསུངས་ཐུགས་རྟེན་རེ་རེའི་མདུན་དུ་ QR ཨང་རྟགས་བཤེར་འབེབས་བྱས་མ་ཐག་སྐུ་གསུང་ཐུགས་གང་ཡིན་དེའི་ངོ་སྤྲོད་བོད་དབྱིན་དང་མངའ་ཁུལ་གྱི་སྐད་ཡིག་བཅས་ཀྱི་ལམ་ནས་འགྲེལ་བཤད་ཚད་ལྡན་སྟབས་ཞིག་རྒྱག་རྒྱུ་ཡིན། དེ་ཡང་སྒྲ་ཡིག་གཉིས་དང་པར་རིས་བཅས་ཀྱི་ལམ་ནས་ཡོང་ཐབས་བྱ་རྒྱུ་ཡིན། དེ་བཞིན་དགོན་སྡེ་ལོ་རྒྱུས་དང་། འགྲུམ་འགྲིལ། ཆོས་སྡེ་དེ་དང་འབྲེལ་བའི་ཆོས་རིག་ངོ་སྤྲོད་སོགས་ལ་སྟབས་བདེའི་མཐུན་རྐྱེན་ཡང་བསྒྲུབ་རྒྱུ་ཡིན།
༣. ཕན་ཐོགས། ལས་འཆར་འདིས་ཕན་ཐོགས་ཡོང་སའི་ཁྱབ་ཁུངས། ཆོས་རིག་ལས་ཁུངས་སུ་དེབ་སྐྱེལ་བྱུང་བ་རྒྱ་བལ་འབྲུག་གསུམ་དུ་དགོན་པ་ ༢༦༢ ཡོད་པ་རྣམས་དང་ལྷ་ཁང་ཁག དེ་བཞིན་ཆོས་ཚོགས་ཁག་ཡིན། དགོན་སྡེ་དག་དུ་གནས་སྐོར་བྱེད་མཁན་རྣམས་ལ་ཆོས་དང་རིག་གཞུང་དེ་བཞིན་སྐབས་བབ་དགོན་སྡེ་སོ་སོའི་གནས་སྟངས་བཅས་ངོ་སྤྲོད་ཚད་ལྡན་ཞིག་བྱ་ཐུབ།